སློབ་ཕྲུག་ཚུ་གི་དོན་ལུ་ཨིན།
མགུ་འཐོམ་པའི་འཛམ་གླིང་འདི་ནང་ལུ།དགའ་བ་སྐྱིད་པ་རྩྭ་གུའི་ཟིལ་པ་འདྲ།སྐུལ་མ་སེམས་ཤུགས་རིན་ཆེན་བཟུམ་སྦེ་དཀོན།ཡིད་ལུ་ཚ་གྱང༌སེམས་འཚུབ་ཆུ་ལས་རིང།སྒྱིད་སྐྱུར་ཐང་ཆད་མཚོ་མཐའི་བྱེ་ཐང་འདྲ།གོ་ཤེས་བསམ་ཤེས་ཡོད་ཚེ་རླངས་གྱུར་བ།སེམས་ཀྱི་གཞོང་པ་རང་འདོན་ཆརཔ་གི་གང།ན་ཚོད་སྨིན་པའི་བརྡ་མཚོན་སྨྱོ་འབོའི་བྲི།རང་གི་ན་ཚོད་རླུང་ན་ཐོལཝ་བཟུམ་ཡོལ།ད་ལྟོ་སྐྱོ་ཡང་མ་འོང་ཚ་གྱང་ལང།མགྱོགས་དྲག་ལྡན་པའི་སྐྱེལ་འདྲེན་ཡོད་རུང་རང།དུས་རྒྱུན་འགྱོ་ས་ལྷོད་ཚོ་འཕྱིས་སུ་མེད།དུས་ཚོད་སྲུང་བའི་ཐབས་ཤེས་མང་ཡོད་རུང།མ་ལང་དེ་ཚུན་དགོ་འདོད་སྐབས་ལུ་མོ།ཞི་སྨན་དང་ནི་དྲན་མེའི་མང་རབས་གནས།སེམས་ལུ་འཁོར་བའི་ནད་གཞི་དྲག་ནི་མེད།སྐར་མ་གྲངས་མེད་འདྲ་བར་མི་ཚུ་གནས།རང་ལུ་དགོས་པའི་དགའ་སྐྱིད་ཞི་བདེ་ཚུ།གཟར་ཆུ་ནང་ལུ་ཉ་འཚོལཝ་བཟུམ་སྦེ་མེས།ཁས་བླངས་ག་ར་རྫུན་པ་བཏེག་རྩིག་འགྱུར།སྨན་བཅོསཔ་རིམ་གྲོགཔ་མང་རུང་ན་ཟུག་ཞི་ནི་མེད།འགྱོ་འདི་རྫོགས་ནི་མེད་པའི་དུས་ཚོད་ནང།ལྷོང་འདི་འགྱོ་དགོཔ་མནོ་བའི་མནའ་བ་ཤར།རང་གི་ཨིང་སྐད་རྩོམ་ཅིག་ལས་སྐད་སྒྱུར་བའི་བརྩོམ།སློབ་མཆོག་གི་ངེས་པར་མཁོ་བའི་བཅོ་ཁ་མཛད་གནང་ཞུ།
མགུ་འཐོམ་པའི་འཛམ་གླིང་འདི་ནང་ལུ།
ReplyDeleteདགའ་བ་སྐྱིད་པ་རྩྭ་གུའི་ཟིལ་པ་འདྲ།
སྐུལ་མ་སེམས་ཤུགས་རིན་ཆེན་བཟུམ་སྦེ་དཀོན།
ཡིད་ལུ་ཚ་གྱང༌སེམས་འཚུབ་ཆུ་ལས་རིང།
སྒྱིད་སྐྱུར་ཐང་ཆད་མཚོ་མཐའི་བྱེ་ཐང་འདྲ།
གོ་ཤེས་བསམ་ཤེས་ཡོད་ཚེ་རླངས་གྱུར་བ།
སེམས་ཀྱི་གཞོང་པ་རང་འདོན་ཆརཔ་གི་གང།
ན་ཚོད་སྨིན་པའི་བརྡ་མཚོན་སྨྱོ་འབོའི་བྲི།
རང་གི་ན་ཚོད་རླུང་ན་ཐོལཝ་བཟུམ་ཡོལ།
ད་ལྟོ་སྐྱོ་ཡང་མ་འོང་ཚ་གྱང་ལང།
མགྱོགས་དྲག་ལྡན་པའི་སྐྱེལ་འདྲེན་ཡོད་རུང་རང།
དུས་རྒྱུན་འགྱོ་ས་ལྷོད་ཚོ་འཕྱིས་སུ་མེད།
དུས་ཚོད་སྲུང་བའི་ཐབས་ཤེས་མང་ཡོད་རུང།
མ་ལང་དེ་ཚུན་དགོ་འདོད་སྐབས་ལུ་མོ།
ཞི་སྨན་དང་ནི་དྲན་མེའི་མང་རབས་གནས།
སེམས་ལུ་འཁོར་བའི་ནད་གཞི་དྲག་ནི་མེད།
སྐར་མ་གྲངས་མེད་འདྲ་བར་མི་ཚུ་གནས།
རང་ལུ་དགོས་པའི་དགའ་སྐྱིད་ཞི་བདེ་ཚུ།
གཟར་ཆུ་ནང་ལུ་ཉ་འཚོལཝ་བཟུམ་སྦེ་མེས།
ཁས་བླངས་ག་ར་རྫུན་པ་བཏེག་རྩིག་འགྱུར།
སྨན་བཅོསཔ་རིམ་གྲོགཔ་མང་རུང་ན་ཟུག་ཞི་ནི་མེད།
འགྱོ་འདི་རྫོགས་ནི་མེད་པའི་དུས་ཚོད་ནང།
ལྷོང་འདི་འགྱོ་དགོཔ་མནོ་བའི་མནའ་བ་ཤར།
རང་གི་ཨིང་སྐད་རྩོམ་ཅིག་ལས་སྐད་སྒྱུར་བའི་བརྩོམ།
སློབ་མཆོག་གི་ངེས་པར་མཁོ་བའི་བཅོ་ཁ་མཛད་གནང་ཞུ།