Wednesday, March 16, 2016

རད་ཀོ་རཱནི་ལུ་ཕུལ་བའི་སྤྲིན་ཡིག།

མཐོ་མཐོ་སློབ་གྲ་ཆེན་མོའི་ལྕགས་རི་ནང་།། མཛེས་མཛེས་མེ་ཏོག་འདྲ་བའི་རྒྱ་མོ(chinese)་ཁྱོད།། འཛུམ་འཛུམ་དགྱེས་པའི་ཞལ་རས་མཚར་སྡུག་ཅན།། དམན་དམན་ཚེ་རིང་ཕྱོགས་སུ་ཡུད་ཙམ་གསན།།
ཡར་ཡར་ཆུ་ཤེལ་ཅན་གྱི་ཁ་ཆུ་ཡིས།། མར་མར་ཀུ་མུད་པད་ཚལ་རྒྱས་པ་ལྟར།།
མཛེས་མཛེས་ལྷ་མོ་ལྟ་བུའི་གཞོན་ནུས།། ཆུང་ཆུང་བདག་འདྲ་གཟིགས་པ་ཡ་མཚན་ཆེ།། བརྩེ་བརྩེ་སེམས་ཀྱི་བསྐྱངས་བའི་བཀའ་དྲིན་དང་།། ཞིམ་ཞིམ་ཟས་སོགས་མཉམ་ཟོས་འཚོར་བ་དང་།། སྙན་སྙན་གསུང་གིས་ཡང་ནས་ཡང་གདམས་པ།། དངས་དངས་སེམས་ཀྱི་ནང་ལ་གསལ་ལེར་མཆིས།། སྲ་སྲ་བྲག་དང་འཇིགས་འཇིགས་རླུང་ཟུང་གིས།། ཞི་ཞི་རྒོད་ཀྱི་གྲོ་ལ་འཛིན་པ་ལྟར།། གཡོ་གཡོ་མི་ངན་རྫུན་གྱི་དུག་མདའ་ཡིས།། ཆུང་ཆུང་སྙིང་ལ་བཅོས་མི་རྨ་ཆེན་བཟོས།། ལྕི་ལྕི་གཅོང་རྡོ་སྙིང་དབུས་ལ་ཚུད་པས།། འཇམ་འཇམ་གཞོན་ནུའི་ལུས་ཀྱི་ཤ་ཡང་སྐམ།། འཛུམ་འཛུམ་ལེགས་པའི་གདང་གི་བཀྲག་ཡང་ཤོར།། སྙན་སྙན་དག་པའི་སྐད་ཀྱི་ཤུགས་ཡང་ཉམས།། མཐོ་མཐོ་དཔོན་གྱི་བཀའ་ཆད་བཏངས་བ་དང་།། དྲིན་དྲིན་ཕམ་གྱི་ཐུགས་ལ་ཕོག་པ་དང་།། ངན་ངན་གྲོགས་ཀྱི་ཁ་ངན་ཤར་ན་ཤར།། གང་གང་བྱུང་ཡང་བཟོད་པའི་བློ་ཐག་ཆོད།། ཆེ་ཆེ་དྲིན་གྱིས་བསྐྱངས་བའི་རྩའི་བླམ་དང་།། བཟང་བཟང་ཕ་མའི་བསྟེན་པའི་དཀོན་མཆོག་རྣམས།། བྱམས་བྱམས་བརྩེ་བས་གཟིགས་རོགས་སྤྲོང་པོ་ལ།། གུས་གུས་ཕྱག་དང་བཅས་ཏེ་འཚལ་བ་ལགས།། སྤ་རོབ་ཇི་རཊ། (Gerrard)

1 comment:

  1. སྙན་འགྱུར་སྤུས་གཙང་འདུག་ལགས།

    ReplyDelete