Wednesday, March 16, 2016

༈ངོ་སྤྲོད་གསལ་བའི་མེ་ལོང།




ད་རེ་དྲོ་པ་སྐྱ་རེང་ཤར་བ་དང་མཉམ་ཅིག་ བྱའི་ཚོགས་ཤིང་ནགས་ཀྱི་ཚང་ནང་ལས་ཕན་ཚུན་འཕུར་ལྡིང་འབད་བའི་ དབྱངས་རྟ་ཧན་ཏོང་ཏོ་དེས།ཚེ་རིང་དཔལ་འབྱོར་ང་། རང་ཁྱིམ་གྲུ་བཞིའི་མལ་ཆ་ནང་ལས་
གློ་བུར་་དུ་གཉིད་ལས་དཀྲོགས།  ང་གཉིད་སད་མ་ཐག་མགོ་ཡར་བཏེག་སྟེ་ ནམ་མཁའ་ལུ་
མིག་ཏོ་གཉིས་ཀྱིས་བལྟཝ་ད། ཕྲ་ཚོམ་ཚོམ་གྱི་རྒྱུ་སྐར་ཕར་ཆེར་མི་མཐོང་པའི་ངང་ལུ་ གཅིག་ཤུལ་གཉིས་མཐུད་མཛུལ། ཨིན་རུང་ སྤྲིན་ཐར་ཐོར་གྱི་བར་ནང་ལས་ དཀར་གསལ་ཟླ་བ་གཞོན་ནུ་ ད་རུང་ལྷོད་ལྷོད་འབད་ འཆི་མེད་ལྷ་ལམ་བུ་མོའི་ཕང་བར་ བག་ཡངས་ཀྱིས་སེམས་ཅན་ག་ར་ལུ་ བརྩེ་དུང་གི་འོད་དཀར་ཤར་དེ་སྡོད་ནུག།
 
དེའི་རྐྱེན་གྱིས་ ང་རང་ གྱང་བསིལ་བསིལ་གྱི་དྲོ་པ་ ཞཱ་གོས་ལྷམ་གསུམ་ཚུལ་དང་ལྡན་པ་ཅིག་གྱོན་དེ། དགའ་ལྷང་ལྷང་གི་ངང་ལས་ རང་བྱུང་མཛེས་སྡུག་ གི་ཁོར་ཡུག་ རྣམ་པར་བཀྲ་བའི་ཟུར་ལམ་ད་དེ་ འགྱོ་ད་ ༼བག་བག ༽སྣུམ་འཁོར་ འཁོར་ལོ་གཉིས་འབད་མི་ཀུན་གསལ་གསར་ཤོག་ འབད་མི་དང་ཕྱེད་དེ་
ཁོ་ལས་གསལ་ཤོག་ཅིག་ལེན་ ཁྱིམ་ནང་ལྷུད༌དེ༌བལྟཝ༌དང༌ འདི་ནང་ལུ་ ནང་པ་དང་ཧིན་དུ་གཉིས་འབྲུག་ལུ་ གཅིག་གྲོགས་གཅིག་ཕན་གྱི་ཚུལ་ལུ་ལག་ལེན་ག་ཏེ་འབད་གནང་དོཝ་ཡོད་པའི་ན་གི་སྐོར་ལས་  
བྲིས་རྩོམ་འབྲི་དགོ་པའི་སྐོར་མཐོངམ་དང་འབྲེལ་ སྒོ་ཅུང་ནང་ལས་ལྷའི་བུ་ཉི་མ་ དགའ་འཛུམ་བཅས་སྦེ་ཁྱིམ་ནང་
བྱོནམ་དང་ ཅིག་ཁར་ ཕྱི་ཁ་ལུ་གནམ་མེད་ས་མེད་མཛེས་པའི་ལྗོན་ཤིང་གི་རྩེ་ཚུ་ རླུང་གིས་ག་ལས་འབད
་གཡོ་མི་དང་ ནམ་མཁའ་སྔོ་སིང་ངེ་བ་སོགས་རང་བྱུང་ཁོར་ཡུག་འཇའ་ཆི་ཆི་དེ་གིས་
  བྲིས་རྩོམ་འབྲི་ནི་ལུ་སྤྲོ་བ་ལྷག་པར་འཕེལ་ད་ཡིས།

ནང་པའི་སྟོན་པ་སངྱས་ཤཱཀྱ་ཐུབ་འདི་ ཧིན་དུའི་ལྷ་ཁྱབ་འཇུག་གི་སྤྲུལ་པ་ཨིན་སྦེ་ཁོང་གི་བཤདཔ་མས། དེ་ཡང་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་རྩ་འགྲེལ་ནང་ལས་
ཁྱབ་འཇུག་གི་འཇུག་པ་བཅུ་བཤད་པའི་སྐབས་ལུ་ སངས་རྒྱས་ཤཱཀྱ་ཐུབ་པར་སྤྲུལ་ནས་ སྔོན་རྒྱལ་རིགས་བསད་པའི་སྡིག་པ་སྦྱངས་པའོ།   ཟེར་གསུངས་ནུག།
དེ་འབད་ཨིན་པ་ཅིན་ འབྲུག་རྒྱལ་ཁབ་ཀྱི་མིང་ ཆོས་ལྡན་ཟེར་མི་འདི་རང་ ་ཁོ་གི་མཛད་པའི་ཆོས་ཚུ་ལག་ལེན་ཐབ་ལས་བརྟེན་ཏེ་ བཏགས་གནང་གནངམ་་ཨིན་མས་ དེ་འབད་ཧ་གོ་ཚུགས་པ་ཅིན ་ཧིན་དུ་དང་ནང་པ་གཉིས་ གཅིག་གྲོགས་གཅིག་ཕན་སྒོ་ལས་རང་ ཆོས་ལྡན་འབྲུག་གི་རྒྱལ་ཁབ་ནང་གནས་ཏེ་ ཡོད་མི་འདི་ལུ་ཐེ་ཚོམ་
མིན་འདུག།


 ཡོངས་གྲགས་ཅན་གྱི་སྲུང་མ་དཔལ་ལྡན་ལྷ་མོའི་དེ་ཡང་།   སྔོན་ལྷ་དང་ལྷ་མ་ཡིན་ཐབ་ལས་ལྷ་མ་ཡིན་རྒྱལ་སོངམ་ལས་ དེའི་ཚེ་དཔལ་ཆེན་ཕྱག་ན་རྡོ་རྗེས་  ལྷ་རྣམས་དམག་ལས་རྒྱལ་བའི་ཕྱིར་དུ་ཐུགས་ཀ་ནས་ཧཱུཾ་ཡིག་འཐིང་ནག་ཅིག་སྤྲོས་པས་ཁྱབ་འཇུག་གི་དཔྱལ་བའི་དབྱིངས་སུ་ཐིམ་པ་ལས་ལྕགས་ཀྱི་འཛེར་པ་ཅིག་ལུ་གྱུར། དེར་བརྟོལཝ་ལས་ལྷ་མི་ག་གིས་ཡང་་འགྲན་མ་ཚུགས་པའི་བུམོ་མཛེས་ཤིང་སྡུག་པ།ལྟ་ན་མཆོག་མི་ཤེས་པ་ཅིག་བྱུང་བ་དེ་ལ་ལྷ་མོ་ཨུ་མ་དེ་ཝི་ཞེས་བཏགས།  ནམ་མཁའ་ལས་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྒྲ་ལས།
                                                  ལྷ་མོ་ཨུ་མ་དེ་ཝི་གང༌། །དབང་ཕྱུག་ལྷ་ལ་ཆུང་མ་བྱིན། །ལྷ་ཆེན་དབང་ཕྱུག་གི་ཡུམ་འབད་གནང་ནུག་ ཁོངགཉིས་ལུ་སྲས་གཅིག་དང་སྲས་མོ་གཅིག་འཁྲུངས་ཡོད་པ་ཨིན།  སྲས་མོ་འདི་་སྲིན་པོའི་་གནའ་མ་འགྱོ་
དགོཔ་ལས་ཡུམ་སེམས་མ་དགའ་བ་  ཡུམ་ལྷ་མོ་ཨུ་མ་ཁྲོས་ཏེ།
ང་ཡི་བུ་མོ་གཅེས་པ་དེ།།  རིགས་ངན་སྲིན་པོའི་ཆུང་མ་བྱས། །།ཟེར་གསུངས་ནུག།
ད་རེ་ནངས་པ་བྱིན་རླབས་ཆེ་དྲགས་དང་ཡོངས་གྲགས་ཅན་ཅིག་ཨིན་མི་ ཐིམ་ཕུག་ལྷ་མོའི་སྒྲོམ་མཆོད་ཟེར་ལྷམོ་གཙོ་མོའི་སྐུ་འཆམ་མཇལ་ཁ་གནང་མི་འདི་ 
དཔལ་ལྡན་ལྷ་མོ་གིས་གཙོས་པའི་འཁོར་བཞི་གིས་ གར་དགུའི་ཉམས་དང་ལྡན་པའི་སྒོ་ལས་ བསྐྱི་ཟིང་ཟིང་སྦེ་ མི་མང་ལུ་མཇལ་ཁ་གནང་སྟེ་མཆོག་དང་མཐུན་མོང་གི་དངོས་གྲུབ་གནངམ་ཨིན་པས། 
 དེ་སྦེ་མཇལ་ཁ་གནང་པའི་ཚུལ་དེ་ཡང་ སྔོན་གྱི་དུས་ལུ་ དཔལ་ལྡན་ལྷ་མོ་འདི་ ལྷའི་བུ་མོ་མཛེས་ཏོག་ཏོ་འབད་བཞུགས་པའི་སྐབས།
རེ་མ་ཏི་གིས་ ལྷ་མོ་རེ་རེ་བཞིན་འཁྱིད་དེ་ སྲིན་པོའི་རྒྱལ་པོའི་མནའ་མར་བྱོན་ཏེ་ ལོག་སྟེ་འཇིག་རྟེན་གྱི་ཁམས་སུ་བྱོན་པའི་ཚུལ་བསྟནམ་ཨིན་པས་ འདི་འདབ་ནི་
འདི་གིས་ ཧིན་དུའི་ཆོས་འབད་མི་དང་ ནང་པའི་ཆོས་འབད་མི་ག་ར་གི་ལོ་རྒྱུས་འདི་ཚུ་ཧ་གོ་བའི་ཐོག་ལས་མཇལ་བ་བྱོན་ཚུགས་པ་ཅིན་ ཧིན་དུ་དང་
ནང་པ་གཉིས་ཀྱི་བར་ནང་འབྲེལ་བ་ལེགས་ཤོམ་འགྱོ་ནི་ལུ་ཐེ་ཚོམ་མིན་འདུག་ཟེར་མནོཝ་མས། འབྲུག་ལུ་ཆོས་ལུགས་དེ་གཉིས་ མ་དར་བའི་སྔོན་ལས་རང་ དེ་གཉིས་བར་འབྲེལ་བ་ཡོདཔ་ཤེས་ཚུགསཔ་མས་ཚད་འབྲུག་ལུ་འབད་རུང་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་ཡོད།
ང་གིས་བྲིས་མི་བྲིས་རྩོམ་འདི་ རང་ལུ་རྙེད་བཀུར་དང་བསྟོད་པ་དང་སྙན་གྲགས་ ཚུ་དགོ་ནིའི་དོན་ལས་བྲིས་བྲིསཝ་ རྩ་ལས་རང་མིན་ དེ་ཡང་ཆོས་ལུགས་གཉིས་ཀྱིས༌ འབྲུག༌ལུ༌གཅིག༌གྲོགས༌གཅིག༌ཕན༌གྱི༌སྒོ༌ལས༌ལག༌ལེན༌ཚུ༌ག༌ཏེ༌འབད༌གནང༌དོཝ༌ཡོདཔ༌ཨིན༌གྱི༌སྐོར༌ལས་ལོ་རྒྱུས་ཚུ་ ག་ཨིན་མི་འདི་རང་བྲིས་ཡོད་ལགས།

ཀུན་མཁྱེན་ཀློང༌ཆེན༌རབ༌འབྱམས༌མཆོག༌གིས།

རྙེད༌དང༌བཀུར༌སྟི༌བདུད༌ཀྱིས༌ཞགས༌པ༌ཡིན།། བསྟོད༌དང༌གྲགས༌པའི༌ཚིག༌རྣམས༌བསླུ༌བྲིད༌ཡིན།།
བསྙེན༌བཀུར༌སྙན༌གྲགས༌སྤོངས༌ཤིག༌སྙིང༌གི༌བུ།། ཤ༌ཚའི༌གཏམ༌ཡིན༌ཁྱོད༌ཀྱིས༌སེམས༌ལ༌ཆོངས།།


བཀྲིས་བདེ་ལེགས།

No comments:

Post a Comment