Friday, May 6, 2016

བསྟོད་རྩོམ།



ཨེ་མ་འབྲུག་ཡུལ་སྐྱིད་པའི་རྒྱལ་ཁམས་སུ།། ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་སྩོལ་མཛད་པ།།
མི་དང་མི་མིན་རིག་པ་འཛིན་པའི་ཚོགས།། རྣམ་ཀུན་དགེ་བའི་བཀྲ་ཤིས་དེང་འདིར་སྩོལ།།


༸དཔལ་ལྡན་འབྲུག་པའི་རྒྱལ་རབས་དྲུག་པ་སྟེ།། མི་དབང་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག།
 ལྷོ་མོན་འབྲུག་ལྗོངས་ཆོས་ཀྱི་རྒྱལ་ཁབ་ཆེར།། ལུགས་གཉིས་སྟོབས་ཀྱིས་ས་གསུམ་ནོན་གྱུར་ཅིག།

ས་སྐྱོང་རྒྱལ་པོའི་གདུང་རྒྱུད་འཁྲུལ་བྲལ་དུ།། རྒྱལ་སྲས་སེམས་དཔའི་སྒྱུ་འཕྲུལ་མངོན་པ་ཁྱོད།།
འགྲོ་ཁམས་བདེ་ལ་འགོད་པའི་ཕྲིན་ལས་ཀྱིས།། སྲིད་ཞིའི་ལེགས་ཚོགས་ངང་གིས་འདུ་བར་ཤོག།


བརྗིད་ཆགས་སྲིད་ཀྱི་ལྷུན་པོ་རབ་ཏུ་བརྟན།། ལེགས་ཚོགས་ཆོས་ཀྱི་ཉི་མ་མཁའ་ལ་འཆར།།
 རྒྱལ་འབངས་མཛའ་མཐུན་བདུད་རྩིའི་རྒྱུན་བཟང་འཇོ།། སྲིད་ཞིའི་ལེགས་ཚོགས་ངང་གིས་འཕེལ་བར་ཤོག།


རྒྱལ་སྲས་སེམས་དཔའི་སྒྱུ་འཕྲུལ་མངོན་པ་འདིས།། འབྲུག་ཡུལ་ལྷ་མི་སྐྱིད་པའི་དཔལ་ཡོན་བཞད།།
 རབ་དགའི་གླུ་གར་རོལ་མོས་ས་ཆེན་ཁྱབ།། དགེ་ལེགས་ལྟས་བཟང་འབད་མེད་འཆར་འདི་མཚར།།

2 comments:

  1. སློབ་དཔོན་གྱིས་ རྒྱལ་ཡོངས་སྐད་ཡིག་དར་ཁྱབ་གཏང་ཐབས་དང་ བརྩི་བཀུར་ཞུ་ནིའི་དོན་ལུ་ རྫོང་ཁའི་ཡོངས་འབྲེལ་བཟོ་ཡོད་མི་འདི་ ང་གིས་ན་ཧིང་ལས་ལྟ་ཡི་ལགས།

    ReplyDelete